Tuesday, February 2, 2010

ང་བོད་པ་ཡིན།

ང་ བོད་པ་ ཡིན། རྒྱུ་མཚན་ ངས་ བོད་ཇ་ འཐུང་།
ང་ བོད་པ་ ཡིན། རྒྱུ་མཚན་ ངས་ རྩམ་པ་ ཟ།
ང་ བོད་པ་ ཡིན། རྒྱུ་མཚན་ ང་ བོད་ཡིག་ སྦྱང་གི་ ཡོད།
ང་ བོད་པ་ ཡིན། རྒྱུ་མཚན་ ང་ ཡང་ཡང་ བོད་ཀྱི་ རྨི་ལམ་ གཏོང་།
ང་ བོད་པ་ ཡིན། རྒྱུ་མཚན་ ང་ གླུ་གཞས་ ལ་ དགའ།
ང་ བོད་པ་ ཡིན། རྒྱུ་མཚན་ ང་ བོད་ལ་ འགྲོ་འདོད་ ཡོད།
ང་ བོད་པ་ ཡིན། རྒྱུ་མཚན་ ངའི་ ཕ་མ་ བོད་པ་ རེད།
ང་ བོད་པ་ ཡིན། རྒྱུ་མཚན་ ང་ བོད་ཡིག་ ཀློག་དུས་ དཀའ་ལས་ འདུག
ང་ བོད་པ་ ཡིན། རྒྱུ་མཚན་ ང་ བོད་ཡིག ད་དུང་ དཀའ་ལས་ རྒྱག་ནས་ ཀློག་གི་ ཡོད།
ང་ བོད་པ་ ཡིན། རྒྱུ་མཚན་ ང་ རང་དབང་ དང་ དམངས་གཙོ་ ལ་ དགའ།
ང་ བོད་པ་ ཡིན། རྒྱུ་མཚན་ བོད་མི་ ས་ཡ་དྲུག ངའི་ སྤུན་ཆེད་ རེད།
ང་ བོད་པ་ ཡིན། རྒྱུ་མཚན་ ང་ བོད་ཀྱི་ ལོ་རྒྱུད་ ལ་ སྤོབས་པ་ དང་ བོད་ཀྱི་ འདུན་ལམ་ ལ་ དོ་སྣང་ ཡོད།

2 comments:

  1. lhabu ནགས་ཤོད་རིག་རལ།February 4, 2010 at 3:26 PM

    ང་བོད་པ་ཡིན། ངའི་ཤ་ཡི་མདོག་དང་ཁྲག་གི་མདངས། རུས་པའི་དབྱེབས་དང་རྣམ་ཤེས་ཀྱི་གཟུངས། ཐ་ན་མི་དང་མི་ཕན་ཚུན་བསམ་པ་བརྗེ་བྱེད་ཀྱི་སྐད་ཡང་བོད་སྐད་ཡིན་པས་སོ།

    ReplyDelete
  2. ང་བོད་པ་ཡིན། རྒྱུ་མཚན་ནི་ས་ཕྱོགས་གང་ལ་སླེབས་ཀྱང་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད།
    ང་བོད་པ་ཡིན། རྒྱུ་མཚན་ནི་ལུས་པོ་བོད་ཡུལ་དུ་མེད་ན་ཡང་ཡིད་ངག་བོད་ཡུལ་ནས་བྲལ་མེད།

    ReplyDelete