ཞི་བ་ དང་ འཚེ་མེད་ ཞི་བའི་ བར་ ཁྱད་པར་ ཡོད་དམ། མི་ མང་པོས་ ཚིག་ གཉིས་པོ་ དེ་ དོན་གཅིག་ མིང་ གི་ རྣམ་གྲངས་ ལ་ ངོས་འཛིན་ བྱེད་ཀྱི་ འདུག འོན་ཀྱང་ ཚིག་ འདི་གཉིས་ བར་ ལ་ ཁྱད་པར་ ཆེན་པོ་ ཡོད།
ཞི་བ་ ཡིན་ ན་ འཚེ་བ་ མེད་པས་ མ་ཁྱབས། འཚེ་བ་ མེད་ ན་ ཞི་བ་ ཡིན་པས་ མ་ཁྱབས། འོན་ཀྱང་ སྐབས་རེ་ འཚེ་བ་ ཡོད་ཀྱང་ ཞི་བ་ མིན་པའི་ མ་ཁྱབས། ཡང་ན་ འཚེ་བ་ ཡོད་ཀྱང་ དྲག་པོ་ ཡིན་པས་ མ་ཁྱབས།
བྱས་ན་ དྲག་པོ་ དང་ འཚེ་བའི་ བར་ ཁྱད་པར་ གང་ ཡོད་པ་ ཞིབས་འཇུག་ བྱེད་ དགོས། དྲག་པོ་ ཞེས་པ་ ནི་ སེམས་ཅན་ གཞན་ གྱི་ ལུས་ཁམས་ ལ་ རྨས་སྐྱོན་ གཏོང་བའི་ བྱ་བ་ གང་ཞིག་ ལ་ གོ་བ་ ཡིན། འཚེ་བ་ ནི་ སེམས་ཅན་ ལ་ ལུས་ ངག་ ཡིད་ གང་རུང་ ཐོག་ནས་ གནོད་པ་ བྱེད་པའི་ བྱ་བ་ གང་ཞིག་ ལ་ གོ་བ་ ཡིན།
གལ་ཏེ་ མི་ ཞིག་ ལ་ ཚིག་ངན་ ཞིག་ བཤད་ ནས་ ཁོ་ ལ་ སྡུག་བསྔལ་ བཟོ་ན་ དེ་ལ་ འཚེ་བ་ ཟེར་ ཆོག འོན་ཀྱང་ ཚིག་ངན་ བཤད་པ་ དེ་ དྲག་པོའི་ ལས་སུ་ ངོས་འཛིན་ མ་བྱེད། གང་ལ་ ཟེར་ན་ ལས་དེས་ སྲོག་གཅོད་ དམ་ ལུས་ལ་ རྨས་སྐྱོན་ གཏོང་གི་ མེད་པས་ ཕྱིར།
རྒྱལ་ཁབས་ ཀྱི་ རང་དབང་ ཐབ་རྩོད་ ནང་ ཞུགས་ནས་ སྡུག་རྩུབ་ཅན་ གྱི་ གཞུང་ ཞིག་ ལ་ ཁ་གཏད་ གཅོག་དུས། དྲག་པོའི་ ལས་ཀ་ སྤང་རྒྱུ་ གལ་ཆེ་ ཡང་ འཚེ་བ་ མེད་པའི་ ལས་ཀ་ སྤང་རྒྱུ་ ནི་ ཧ་ཅང་ ཁག་པོ་ རེད། རྒྱ་གར་ གྱི་ རང་དབང་ ཐབ་རྩོད་པ་ རྒན་དིས་ དྲག་པོའི་ ལས་ཀ་ བྱས་ མེད་ ཀྱང་། འཚེ་བ་ཅན་ གྱི་ ལས་ཀ་ བྱས་ ཡོད་པར་ འདོད་ ཐུབ། ཁོང་གིས་ འགོ་འཁྲིད་ ནས་ དབྱིན་ཇིའི་ ཚོང་ཁང་ ལ་ ཉོ་ཚོང་ སྤོང་བའི་ ལས་འགུལ་ སྤེལ་དུས་ རྒྱ་གར་བ་ ས་ཡ་ མང་པོས་ མཉམ་ཞུགས་ བྱས་ནས། དབྱིན་ཇིའི་ ཚོང་ ལ་ གྱོང་ ཆེན་པོ་ བཏང་བ་ མ་ཟད། དབྱིན་ཇིའི་ སྐྱེ་མན་ མང་པོ་ བཟོ་གྲའི་ ལས་ཀ་ ཤོར་བ་ རེད།
རྒན་དིའི་ ཉོ་ཚོང་ སྤོང་བའི་ ལས་འགུལ་ དེས་ དབྱིན་ཇི་རྣམས་ ལ་ འཚེ་བ་ བྱས་ཀྱང་ ཞི་བའི་ སྒོ་ནས་ བྱས་པ་ རེད། དེར་ དྲག་པོ་ རྩ་བ་ ནས་ ཟེར་ མི་རུང་། བྱས་ཙང་ ང་ཚོའི་ ཐབ་རྩོད་ ནང་ལའང་ ཞི་བའི་ ལས་འགུལ་ འཚེ་བ་ཅན་ འགའ་ཞིག་ སྤེལ་ ཐུབ་ན་ ཡག་པོ་ ཡོང་ས་ རེད།
No comments:
Post a Comment