བོད་རྒྱ་ འབྲེལ་མོལ་ ཡང་སྐྱར་ མུ་མཐུད་ བྱུང་བ་ དགའ་བོ་ བྱུང་། འོན་ཀྱང་ བོད་ནང་ འགྱུར་བ་ ཆེན་པོ་ འགྲོ་བའི་ རེ་བ་ མེད། རྒྱ་གཞུང་ གི་ བོད་ནང་ འཛིན་པའི་ སྲིད་བྱུས་ ནི་ སྔར་ ལས་ སྡུག་ཏུ་ འགྲོ་གི་ ཡོད་པ་ ཚང་མས་ ཤེས་ཀྱི་ ཡོད།
གྲོས་མོལ་ བྱེད་རྒྱུ་ གལ་ཆེན་ ཡིན་ཡང་། སྔོས་འབྲེལ་ བྱས་ན་ གྲོས་མོལ་ འགོ་ མ་འཛུག་ གོང་ གནོན་ཤུགས་ མང་པོ་ དགོས་ཡོད། གནོན་ཤུགས་ མེད་པའི་ གྲོས་མོལ་ ལ་ ནུས་ཤུགས་ མེད་པས་ འཁྱབ། བྱས་ན་ གནོན་ཤུགས་ གང་འདྲ་ བྱས་ནས་ སྤྲུན་དགོས་སམ།
གནོན་ཤུགས་ ནི་ དབྱེ་ན་ མང་པོ་ ཡོད་པ་ ནི། དཔལ་འབྱོར་ གྱི་ གནོན་ཤུགས། སྲིད་དོན་ གྱི་ གནོན་ཤུགས། སྤྱི་ཚོགས་ ཀྱི་ གནོན་ཤུགས། འདི་དག་ ཚང་མ་ ཞི་བའི་ ཐབས་ལམ་ བེད་སྤྱོད་ བྱས་ནས་ སྐྲུན་ ཐུབ་ཀྱི་ རེད།
བོད་པའི་ མི་མང་ ཚང་མ་ མཉམ་རུབ་ ཀྱི་ ཐོག་ནས་ རྒྱ་ནག་ ལ་ འདི་འདྲ་བའི་ གནོན་ཤུགས་ ཤིག་ སྐྲུན་ མ་ཐུབ་ ན་ ང་ཚོའི་ གྲོས་མོལ་ ག་ཚོད་ བྱེད་ཀྱང་ རྒྱ་གཞུང་ གིས་ མགོ་སྐོར་ གཏོང་རྒྱུ་ ལས་ ཕན་ཐོག་ ཡོང་བ་ ཧ་ཅང་ ཁག་པོ་ རེད།
I have firstly thought, the idea put forward by tendor and pushed by his sister dickey, an appluadable and commendable...but later, when i actually saw the scripts with spaces inbetween, it's just bizzare and it was like "CREATIVE DESTRUCTION"
ReplyDeleteThe thinking was right but the method was wrong..instead, we can encourage our youngsters to read more..when we are used to such things, it is easily tackled..well, keep encouraging with some better idea...
བསྟན་རྡོར་ལགས། བོད་རྒྱ་འབྲེལ་མོལ་ནི་རྒྱ་ནག་གི་སྐབས་བསྟུན་གཡོ་ཇུས་ཤིག་ཡིན་པ་ཁ་གསལ་རེད། རྒྱ་གཞུང་ད་ཆ་ཨ་རིས་གཙིར་བརྡར་བཏང་ནས་ག་བྱེད་འདི་བྱེད་མེད་སྐབས་ང་ཚོ་བོད་པ་དང་གྲོས་མོལ་བྱེད་ཟོལ་བྱས་ནས་གོང་ས་མཆོག་ཨ་རིར་ཕེབས་དུས་རྒྱ་ནག་ལ་རྒྱལ་སྤྱིའི་ཁ་དབུགས་ལྷུག་ཙམ་ཐོབ་རེ་བྱས་པ་ལས་གཞན་ཕན་པ་གང་ཡང་ཡོང་ས་མ་རེད། གཞན་ཡང་། ང་ཚོ་བོད་ཀྱི་དུས་བབ་ནང་བོད་ཡིག་ཟིན་བྲིས་པ་དང་ཀློག་པ་པོ་མང་པོ་ཞིག་གིས་གློག་བརྙན་འཇིགས་བྲལ་བཟོས་པའི་དབང་གིས་བཙོན་དུ་ཚུད་པའི་དོན་གྲུབ་དབང་ཆེན་གྱི་ཕ་མ་གཟའ་ཕྲུག་དག་ད་ཆ་རྒྱ་གར་རྡ་རམ་ས་ལར་འཚོ་ཐབས་ཧ་ཅང་སྐྱོ་བའི་གནས་སུ་ལྷུང་བའི་རྩོམ་ཡིག་མཐོང་ནས་ཁོང་ཚང་ལ་ཞལ་འདེབས་བསྡུ་བའི་བྱེད་སྒོ་ཞིག་གོ་སྒྲིག་བྱེད་ཐུབ་རྒྱུའི་རེ་བ་བྱེད་བཞིན་འདུག རྩོམ་ཡིག་འདི་ན་གཟིགས་ཆོག http://www.tibettimes.net/news.php?showfooter=1&id=2128
ReplyDeleteང་ཚོའི་བསམ་པར། ད་བར་དུ་ང་ཚོ་བོད་པ་ཚང་གིས་རྒྱལ་སྤྱིར་ཁ་ཕྱོགས་ནས་རྒྱ་མིའི་ནག་ཉེས་བགྲངས་པ་དང་བོད་དོན་ལ་རྒྱབ་སྐྱོར་ཐོབ་རེ་བྱས་ལ་དེ་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་པ་མང་པོ་ཞིག་སྤེལ་བ་རེད། ད་རེས་དོན་གྲུབ་དབང་ཆེན་ལྟ་བུ་མི་རིགས་དང་རྒྱལ་ཁབ་དོན་དུ་རང་དབང་ཤོར་བ་དང་། ཁོང་ནི་ཕ་མ་རྒན་རྒོན་གཉིས་དང་། གཟའ་ཟླ་བུ་ཕྲུག་ལྔ་དང་བཅས་ནང་མི་བརྒྱད་ཀྱི་ཀ་བ་ལྟ་བུ་ཡིན་ཁར། ད་ཆ་ཁོང་ཚང་ཁྲོམ་ཟུར་དུ་བག་ལེབ་བཙོངས་ནས་འཚོ་བ་སྐྱོ་པོ་ཞིག་བསྐྱལ་ནས་ཡོད། གནས་ཚུལ་དེ་འདྲ་དམིགས་བསལ་ཆེ་ལ་ཀུན་གྱིས་གདུང་སེམས་མཉམ་སྐྱེ་དང་སེམས་སྐྱོ་ས་ཞིག་ལ་གྱུར་འདུག ང་ཚོ་བོད་མི་རྣམས་ལ་ཁོང་ཚང་ལ་རོགས་རམ་དང་ཁོང་གི་བུ་ཕྲུག་ལ་ལྟ་རྟོག་ཡག་པོ་བྱེད་འགན་ཡོད་པས། ང་ཚོའི་བསམ་པར། ད་ཐེངས་ང་ཚོ་བོད་པའི་སྤྱི་ཚོགས་ནང་དང་ལྷག་པར་དུ་ཕྱི་རྒྱལ་ལ་བཞུགས་པའི་བོད་པའི་ཚོགས་པའི་ནང་དུ་དོན་གྲུབ་དབང་ཆེན་གྱི་མིང་ཐོག་ནས་ཞལ་འདེབས་འབུལ་བའི་བྱེད་སྒོ་ཆེན་པོ་སྤེལ་བ་དང་། སྐབས་དེར་སྐད་གྲགས་ཆེ་བའི་བོད་མི་ཁག་ཞུགས་པ་དང་། བོད་དོན་བཤད་པའི་རླུང་འཕྲིན་བརྙན་འཕྲིན་གསར་འགྱུར་བརྒྱུད་ལམ་ཁག་གིས་དྲིལ་བསྒྲགས། བོད་མི་རྣམས་ཀྱིས་ཧུར་ཞུགས་བཅས་བྱས་ནས་འཛམ་གླིང་བོད་མི་ཀུན་གྱིས་དཔའ་བོར་དྲིན་བསམ་དང་དཔའ་བོའི་ཚང་ལ་རོགས་སྐྱོར་བྱེད་པའི་རྣམ་པ་ཞིག་ཆགས་པ་བྱས་ན། གཅིག་ནས་བོད་དོན་ལ་དྲིལ་བསྒྲགས་མི་འདྲ་བ་ཞིག་ཡོང་བ་དང་། གཉིས་ནས་བོད་མི་ཚང་མའི་སྙིང་སྟོབས་ལ་སྐུལ་ལྕག་ཡོང་བ། གསུམ་ནས་གཞིས་ལུས་བོད་མི་དག་ལ་ཡང་བྱེས་སྡོད་བོད་མིའི་ལ་རྒྱ་ཟབ་པོ་ཚོར་ཐུབ་པ་སོགས་དགེ་མཚན་མང་པོ་འདུག གལ་སྲིད་བྱ་བ་དག་ལམ་དུ་སོང་བ་ཡིན་ན། དོན་གྲུབ་དབང་ཆེན་གྱི་མིང་ཐོག་ནས་ཐེབས་རྩ་ཞིག་བཙུགས་ནས་ཞལ་འདེབས་དངུལ་ལས་ཆ་ཤས་ཤིག་ཁོང་ཚང་ལ་འཚོ་བའི་རོགས་དངུལ་དུ་ཕུལ་བ་དང་། གཞན་རྣམས་བོད་དོན་དུ་འཆི་རྨས་བྱུང་བའི་གཞིས་ལུས་བོད་མིའི་ཁྱིམ་ཚང་སྐྱོ་པོ་དེ་ཚོར་འཚོ་བའི་རོགས་དངུལ་དུ་རིམ་པས་སྤྲོད་ཐུབ་ན་ཡག་པོ་ཞེ་དྲག་ཡོང་བ་འདུག བོད་མིའི་དཀྱིལ་དུ་དཔའ་བོར་ཞལ་འདེབས་བསྡུ་བའི་བྱེད་སྒོ་དེ་ཚ་ཚ་འུར་འུར་སྤེལ་ཐུབ་ན། ནམ་རྒྱུན་སྐད་འབོད་དང་གོམ་བགྲོད་སོགས་དང་རྣམ་པ་མི་གཅིག་པའི་ཐོག་ནས་ཡང་བོད་དོན་འདིར་དྲིལ་བསྒྲགས་ཤུགས་ཆེན་པོ་ཞིག་ཡོང་བ་འདུག བྱས་ཙང་ཁྱེད་རྣམ་པས་ཀྱང་དོན་དེར་དགོངས་པ་ཞིག་བཞེས་རོགས། འདི་ནི་ང་ཚོ་ཀློག་པ་པོའི་བསམ་ཚུལ་ཙམ་ཡིན། ནང་དོན་ཞིབ་ཕྲ་གོང་གི་དྲ་ཚིགས་འབྲེལ་ཐག་དེ་ལ་གཟིགས་དང་མཁྱེན་ཐུབ། སྐུ་གཟུགས་ཐུགས་བཅག་གནང་།
བསམ་ཚུལ་ བསྟོན་པ་ ལ་ ཐུགས་རྗེ་ཆེ།
ReplyDeleteའབད་བཙོན་ ཞུ་གི་ ཡིན།
Tendor,
ReplyDeleteThanks to the aerated script I managed to read (however slowly) my first online blog posting in Tibetan! :) keep up the great work...
TT
That is incredibly exciting Tenzing la. That was the most inspiring feedback I've received. Seriously, the whole point of writing in aerated script is to make Tibetan accessible to people like us who learned basic Tibetan but grew up reading English or other languages, simply because Tibetan sentences didn't stop for breath! Congratulations on reading your first Tibetan blog posting. I hope it is just the beginning...
ReplyDelete