"སྐྱེ་དམན་" ཞེས་པའི་ ཚིག་ འདིའི་ འབྱང་ཁུངས་ སྐོར་ ག་དུས་ སྐད་ཆ་ བཤད་ ཀྱང་ བོད་པ་ ཕོ་མོ་ ཚང་མ་ བོ་སུ་དོག་པོ་ དང་ ངོ་ཚ་བོ་ དང་ རླུང་ཚ་བོ་ ཆགས་ འགྲོ་གི་ ཡོད། ཚིག་ འདི་ནི་ རྣ་བར་ ཐོས་ན་ མ་སྙན་པ་ དང་། དོན་ གོ་ན་ དེ་བས་ཀྱང་ སྡུག་པ་ ཡོད།
རྒྱུ་མཚན་ ནིཿ "སྐྱེ་དམན་" གྱི་ དོན་ སྐྱེ་བ་ དམན་པ་ ལ་ གོ་བ་ རེད། ཆོས་ཕྱོགས་ ནས་ བུད་མེད་ ཚོ་ བུ་ ལས་ སྐྱེ་བ་ དམན་པར་ ངོས་འཛིན་ བྱེད་ཀྱི་ ཡོད་པའི་ ཁུལ་ རེད།
འོན་ཀྱང་ ངས་ མིང་ཚིག་ འདི་ལ་ དཔྱད་པ་ བྱེད་སྐབས་ དེང་སང་ གི་ བོད་མི་ ཚོས་ "སྐྱེ་དམན་" ཞེས་པའི་ ཚིག་ གྱི་ གོ་དོན་ དང་ དག་ཆ་ རྦད་དེ་ ནོར་ འདུག དག་ཆ་ ངོ་མ་ ནི་ སྐྱེས་མིན་ ཡིན་པ་ དང་ གོ་དོན་ ངོ་མ་ ནི་ སྐྱེས་པ་ཕོ་ མ་ཡིན་ པར་ གོ་བས་ "སྐྱེས་མིན་" ནམ་ "སྐྱེས་མན་" ཞེས་ ཡིན་པར་བསམ།
སྐྱེ་དམན་ ཞེས་པའི་ ཚིག་འདི་ འགྲེལ་བརྗོད་ བྱེད་སྐབས་ རྒན་པ་ ཚོས་ གསུང་དོནཿ ནང་ཆོས་ བྱེད་པར་ བུད་མེད་ ཀྱི་ ལུས་པོ་ ལས་ བུ་ཡི་ ལུས་པོ་ ཡག་པ་ དང་ ནུས་པ་ ཆེ་བ་ ཡོད་པ་ སོང་ཙང་ བུད་མེད་ ཀྱི་ ལུས་པོ་ ཐོབ་པ་ དེ་ལ་ སྐྱེ་བ་ དམན་པའམ་ སྐྱེ་དམན་ ཞེས་ མིང་བཏགས། འོན་ཀྱང་ བསམ་བློ་ གཏིང་རིང་ཙམ་ བཏང་ན། བོད་པའི་ སྐད་ དང་ ཚིག་ བྱུང་ནས་ མི་ལོ་ སྟོང་ཕྲག་ མང་པོ་ འགྲོ་གི་ ཡོད། བྱས་ཙང་ བུད་མེད་ དང་ བུ་མོ་ ཟེར་བའི་ ཚིག་ ཀྱང་ བྱུང་ནས་ ལོ་ སྟོང་ཕྲག་ མང་པོ་ འགྲོ་གི་ ཡོད་པར་ ཐག་ཆོད། ཡིན་ནའང་ བོད་ ལ་ ནང་ཆོས་ དར་ ནས་ ལོ་ ༡༢༠༠ ཙམ་ ལས་ འགྲོ་གི་ མེད། དེ་འདྲ་ ཡིན་ན་ བོད་པའི་ ཚིག་ སྐྱེ་དམན་ ཞེས་པ་ བོད་ལ་ ནང་ཆོས་ དར་ ཚར་བའི་ རྗེས་སུ་ བྱུང་བ་ ཞིག་ཡིན་ དགོས། འདི་ནི་ ཧ་ཅང་ ཁག་པོ་ རེད།
དེ་འདྲ་ སོང་ཙང་ ངའི་ བསམ་ཚུལ་ ལཿ བུད་མེད་ ཚོ་ ལ་ ད་ནས་ བཟུང་ "སྐྱེ་དམན་" མ་བརྗོད་ པར་ "སྐྱེས་མན་" ཡང་ན་ "སྐྱེས་མིན་" ཅེས་ ལབ་དགོས།
No comments:
Post a Comment