གྲོས་མོལ་ བྱེད་རྒྱུ་ གལ་ཆེན་ ཡིན་ཡང་། སྔོས་འབྲེལ་ བྱས་ན་ གྲོས་མོལ་ འགོ་ མ་འཛུག་ གོང་ གནོན་ཤུགས་ མང་པོ་ དགོས་ཡོད། གནོན་ཤུགས་ མེད་པའི་ གྲོས་མོལ་ ལ་ ནུས་ཤུགས་ མེད་པས་ འཁྱབ། བྱས་ན་ གནོན་ཤུགས་ གང་འདྲ་ བྱས་ནས་ སྤྲུན་དགོས་སམ།
གནོན་ཤུགས་ ནི་ དབྱེ་ན་ མང་པོ་ ཡོད་པ་ ནི། དཔལ་འབྱོར་ གྱི་ གནོན་ཤུགས། སྲིད་དོན་ གྱི་ གནོན་ཤུགས། སྤྱི་ཚོགས་ ཀྱི་ གནོན་ཤུགས། འདི་དག་ ཚང་མ་ ཞི་བའི་ ཐབས་ལམ་ བེད་སྤྱོད་ བྱས་ནས་ སྐྲུན་ ཐུབ་ཀྱི་ རེད།
བོད་པའི་ མི་མང་ ཚང་མ་ མཉམ་རུབ་ ཀྱི་ ཐོག་ནས་ རྒྱ་ནག་ ལ་ འདི་འདྲ་བའི་ གནོན་ཤུགས་ ཤིག་ སྐྲུན་ མ་ཐུབ་ ན་ ང་ཚོའི་ གྲོས་མོལ་ ག་ཚོད་ བྱེད་ཀྱང་ རྒྱ་གཞུང་ གིས་ མགོ་སྐོར་ གཏོང་རྒྱུ་ ལས་ ཕན་ཐོག་ ཡོང་བ་ ཧ་ཅང་ ཁག་པོ་ རེད།
