Sunday, September 11, 2011

A Lhakar song from Tibet

Here is an excerpt from a song that came out of Tibet in 2010. This song urges Tibetans to be Tibetan, buy Tibetan, and join the Tibetan self-reliance movement known as Lhakar.
རླུང་རྟ་དར་ཅོག་གནམ་ལ་ཐོངས།
ཁ་དོག་དཀར་པོ་ལུས་ལ་གྱོན།
གླུ་དང་རོལ་དབྱངས་ལོངས་སུ་སྤྱོད།
མཆོད་མེ་ཕུལ་ནས་དམ་བཅའ་ལེན།
སློབ་གྲ་དགོན་པར་ཞལ་འདེབས་རྒྱག
ངན་སློང་སྤྲང་པོར་སྦྱིན་པ་གཏོང་།
ཉམ་ཐག་སེམས་ཅན་སྲོག་སྐྱོབ་བྱེད།
དཔའ་བོ་འདས་པའི་ནང་མི་ལ།
སྙིང་བརྩེ་ངང་ནས་རོགས་རམ་བྱེད།
བོད་མིའི་མཉམ་དུ་ཚོང་འབྲེལ་བྱེད།
དཀར་ཟས་ཐུབ་ན་རབ་ཏུ་བསྔགས།
དུས་ཆེན་རྣམས་ལ་དམར་ཟས་སྤོངས།
རེད་གཟའ་ལྷག་པ་ལྷག་དཀར་བྱེད།
བོད་པས་བོད་པར་ཞེན་ཁོག་བྱེད།
བོད་ཡིག་བོད་སྐད་དམ་འཛིན་བྱེད།
ཕྱི་ནང་ཤེས་བྱ་སློབ་སྦྱོང་བྱེད།
གངས་ལྗོངས་བོད་པ་དར་རྒྱས་ཤོག
བོད་ཡུལ་རྟག་ཏུ་གནས་འགྱུར་ཅིག